您的位置: 首页 >新闻频道>贵南快报>详细内容

关于贵南县深化扫黑除恶专项斗争公开征集涉黑涉恶举报线索通告

来源: 发布时间:2026-11-04 16:50:59 浏览次数: 次 【字体:小 大】

关于贵南县深化扫黑除恶专项斗争公开征集涉黑涉恶举报线索通告

为深入贯彻落实党中央关于深化扫黑除恶专项斗争决策部署,严格落实省州县委工作要求,依法严厉打击各类黑恶势力犯罪,切实维护人民群众生命财产安全和社会长治久安,即日起至2027年6月底前,面向社会公开征集涉黑涉恶违法犯罪线索,欢迎广大群众积极检举揭发。

一、线索征集范围

1.利用家族、宗族势力把持操纵基层政权、干扰破坏基层换届选举、垄断农村资源、侵吞集体资产,盘踞基层欺压群众的“村霸”“乡霸”黑恶势力线索。

2.在建筑工程、交通运输、矿产资源等领域,非法占地、滥开滥采、垄断线路、强揽工程、恶意竞标,违规牟利的“沙霸”“矿霸”黑恶势力线索。

3.在商贸市场、批发市场、车站、旅游景区等场所,通过欺行霸市、强买强卖、非法收取各类费用等手段扰乱正常经营与市场秩序的“街霸”“市霸”黑恶势力线索。

4.涉嫌开设赌场、组织卖淫、贩卖毒品等黄赌毒类团伙化、链条化违法犯罪活动;操纵、控制、胁迫未成年人实施违法犯罪,以及各类侵害未成年人合法权益的黑恶团伙犯罪线索。

5.利用网络平台,借助软暴力手段,有组织地实施裸聊敲诈、色情敲诈、舆情敲诈、恶意索赔、劳务碰瓷、强迫消费、跟踪滋扰、威胁恐吓,以及非法放贷、非法催收等违法犯罪行为;或实施其他敲诈勒索类黑恶犯罪线索。

6.在征地租地、房屋拆迁、工程项目建设中,煽动闹事、阻挠施工、扰乱建设秩序的黑恶势力线索。

7.非法插手、干预民间矛盾纠纷,通过滋扰、施压、胁迫等非法手段介入调处、肆意牟利的涉黑涉恶势力线索。

8.在安全生产、公共安全、社会保障等领域存在的安全隐患以及各类涉黑涉恶违法犯罪线索。

二、举报须知

1.举报线索倡导实名举报,须真实客观、详实准确,尽量写明涉案人员、时间、地点、涉案事实等要素,有相关证据材料可一并提交。

2.严禁虚构事实、诬告陷害。捏造事实、伪造证据诬告他人的,依法追究法律责任。

3.县扫黑办严格落实线索保密规定,严守举报人信息及举报内容,依法保护举报人;对打击报复举报人的,从严依法惩处。

三、线索反映渠道

为畅通涉黑涉恶线索举报渠道、方便群众举证,贵南县扫黑办设立多渠道全天候线索举报途径,面向社会各界广泛征集涉黑涉恶线索:

(一)全国统一线上举报平台

网上搜索全国扫黑办“12337”智能举报平台或点击“中国长安网”、“中央政法委长安剑”微信公众号等链接登录举报平台。

(二)贵南县扫黑办

1.举报电话:0974-8502022

2.举报信箱:hnzgnxshb@163.com

3.来信来访地址:贵南县茫曲镇解放西路1-1号贵南县人民检察院4楼404室

(三)贵南县公安局扫黑办

1.举报电话:110、0974-8501105

2.举报信箱:gngaxzdd@163.com

3.来信来访地址:贵南县茫曲镇平安巷24号贵南县公安局

(四)贵南县人民检察院扫黑办

1.举报电话:0974-8501421

2.举报信箱:gnxjcyshb@163.com

3.来信来访地址:贵南县茫曲镇解放西路1-1号贵南县人民检察院2楼202室

(五)贵南县人民法院扫黑办

1.举报电话:0974-8502425

2.举报信箱:gnxrmfy2021@163.com

3.来信来访地址:贵南县茫曲镇解放东路317号贵南县人民法院

(六)贵南县委社会工作部(信访局)

1.举报电话:0974-8501366

2.举报信箱:liuyuna2024@163.com

3.来信来访地址:贵南县茫曲镇解放西路2号贵南县行政综合服务楼二楼204室

对通过上述途径获取的线索,县扫黑办将全力做好转办、督办、核查、反馈等工作,推动查深查透。同时,对提供重大线索、协助破案的单位和个人,按照有关规定给予奖励。

                   

          贵南县扫黑除恶斗争领导小组办公室

               2026年8月13日


ཀོས་ནན་རྫོང་གིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་ནག་ཚོགས་ཐེར་འདོན་ཁུངས་སྣེ་ཡོངས་བསྒྲགས་འཚོལ་སྡུད་བྱེད་པའི་བརྡ་ཁྱབ།

ཏང་ཀྲུང་དབྱང་གི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ནག་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱས་ཏེ། ངེས་པ་དོན་གྱིས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱ་ཆེད། 2027ལོའི་ཟླ6པའི་ཟླ་མཇུག་སྔོན་དུ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ནག་ཚོགས་ཀྱི་ཁུངས་སྣེ་འཚོལ་སྡུད་བྱ་རྒྱུ་ཡིན་པས།རྒྱ་ཆེའི་མང་ཚོགས་ཀྱིས་ཐེར་འདོན་བྱེད་པར་དགའ་བསུ་ཞུ།

དང་པོ། ཁུངས་སྣེ་འཚོལ་སྡུད་ཀྱི་ཁྱབ་ཁོངས།

གཅིག ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་གྱི་སྲིད་དབང་ཧམ་བཟུང་དང་འདེམས་བསྐོ་ལ་གཏོར་བརླག་བཟོ་བ། སྡེ་བའི་ཐོན་ཁུངས་སྒེར་གཅོད་བྱེད་པ། ཐུན་མོང་གི་རྒྱུ་ནོར་ཧམ་བཟུང་བྱེད་པ། མང་ཚོགས་ལ་བརྙས་བཅོས་དང་གནོད་འཚེ་གཏོང་བའི“སྡེ་བའི་གཏེ་བོ”དང“ཡུལ་ཚོའི་གཏེ་བོ” སོགས་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ།

གཉིས། འཛུགས་སྐྲུན་ལས་གྲྭ་དང་འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་ཁའི་ཐོན་ཁུངས་སོགས་ཀྱི་ཁྱབ་ཁོངས་སུ། ཁྲིམས་འགལ་ངང་ས་འཛིན་པ། གང་འདོད་དུ་བརྐོ་སློག་བྱེད་པ། ཐོན་ཁུངས་སྒེར་སྡེམ་དང་བཟོ་སྐྲུན་བཙན་ལེན། དམིགས་ངན་བཅངས་ཏེ་འཇོན་འགུགས་བྱེད་པ། སྒྲིག་འགལ་ངང་ཁེ་ཕན་ལེན་པའི་“ཟེགས་ས་དང་གཏེར་ཁ་བཙན་བཟུང་མཁན”སོགས་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ།

གསུམ། ཉོ་འཚོང་ཁྲོམ་ར་དང་སྡེབ་ཚོང་ཁྲོམ་ར། རླངས་འཁོར་ས་ཚིགས། ཡུལ་སྐོར་ལྗོངས་ཁུལ་སོགས་སུ། སྒེར་སྡེམ་ལས་གཉེར་དང་བཙན་ཉོ་བཙན་ཚོང་། ཁྲིམས་འགལ་ངང་གླ་ཆ་སྣ་ཚོགས་ལེན་པའི་བྱེད་ཐབས་བརྒྱུད་ནས། རྒྱུན་ལྡན་ཚོང་གཉེར་དང་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བརླག་བྱེད་མཁན་གྱི“སྲང་ལམ་བཙན་བཟུང་མཁན”དང“ཚོང་ར་བཙན་བཟུང་མཁན”སོགས་ནག་ཚོགས་དང་འབྲེལ་བའི་ཁུངས་སྣེ།

བཞི། རྒྱན་ར་འཛུགས་གཉེར་བྱེད་པ་དང་སྨད་འཚོང་རྩ་འཛུགས། དུག་རྫས་བཟོ་འཚོང་བྱེད་པ་སོགས་འཆལ་རྒྱན་དུག་གསུམ་མཉམ་འབྲེལ་གྱི་ཉེས་གསོག་ཚོགས་པ་རང་བཞིན་དང་ཕྲེང་སྦྲེལ་རང་བཞིན་གྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ། ནར་མ་སོན་པའི་མི་ཚོད་འཛིན་ངན་སྐུལ་བྱས་ནས་ཁྲིམས་འགལ་ཉེས་བསགས་བྱེད་པ་དང་ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནག་གཤེད་སྤྱོད་ངན་ཚོགས་པའི་ཉེས་གསོག་ཁུངས་སྣེ།

ལྔ། དྲ་རྒྱའི་སྟེགས་བུ་དང“འཇམ་པོའི་གཏུམ་སྤྱོད”ཀྱི་བྱེད་ཐབས་སྤྱད་དེ་རྩ་འཛུགས་ཡོད་པའི་སྒོ་ནས་བསྙད་འདོགས་རྒྱུ་འཕྲོག་དང་། འདོད་སྲེད་ཀྱི་བསྙད་འདོགས་རྒྱུ་འཕྲོག་པ།  གླེང་ཕྱོགས་ཀྱིས་བསྙད་འདོགས་རྒྱུ་ལེན། ངན་སེམས་ཀྱིས་གྱོང་གསབ་ལེན་པ། ངལ་ནུས་བསྙད་འདོགས། བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། རྗེས་འདེད་ཟིང་ཆ་སློང་བ།འཇིགས་སྐུལ་བྱེད་པ། དེ་གཞན་ཁྲིམས་འགལ་གྱིས་དངུལ་བུན་གཏོང་བ། ཁྲིམས་འགལ་གྱིས་བསྡུ་སྐུལ་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག  ཡང་ན་བསྙོན་དཀྲིས་བཙན་ལེན་སོགས་ནག་གཤེད་ཉེས་གསོག་གི་ཁུངས་སྣེ།

དྲུག ས་ཞིང་བསྡུ་ལེན་དང་གླ་གཏོང་བ། ཁང་པ་བཤིག་སྤོར། ལས་གྲྭའི་ལས་གཞི་འཛུགས་སྐྲུན་བཅས་ཀྱི་ཁྲོད་དུ་ཟིང་ཆ་སློང་བ་དང་། ཨར་ལས་ལ་བཀག་འགོག་བྱེད་པ། འཛུགས་སྐྲུན་གྱི་སྒྲིག་ལམ་དཀྲུག་པ་བཅས་ཀྱི་ནག་ཚོགས་སྟོབས་ཤུགས་ཀྱི་ཁུངས་སྣེ། 

བདུན། དམངས་ཁྲོད་ཀྱི་འགལ་བ་དང་རྩོད་གཞིར་ཁྲིམས་འགལ་ངང་ཐེ་ཇུས་བྱེད་པ་དང་། ཟིང་ཆ་སློང་བ་། གནོན་ཤུགས་སྟེར་བ། བཙན་ཤེད་སོགས་ཁྲིམས་འགལ་གྱི་བྱེད་ཐབས་ལ་བརྟེན་ནས་བར་འདུམ་ཐག་གཅོད་བྱེད་པ་དང་། རང་སྣང་གང་ཤར་གྱིས་ཁེ་བཟང་རག་ཐབས་བྱེད་པའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ།

བརྒྱད། བདེ་འཇགས་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་སུ་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་དེ་བཞིན་ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ཀྱི་ཁུངས་སྣེ།

གཉིས་པ། ཐེར་འདོན་བྱེད་སྐབས་ངེས་པར་དུ་ཤེས་དགོས་པའི་སྐོར།

གཅིག ཐེར་འདོན་ཁུངས་སྣེ་དེ་དངོས་མིང་ཐེར་འདོན་བྱ་རྒྱུ་དར་སྤེལ་གཏོང་དགོས་ཤིང་། ངེས་པར་དུ་དོན་དངོས་དང་མཐུན་པ། ཞིབ་ཅིང་ཕྲ་ཞིང་གནད་ལ་འཁེལ་བ། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་དང་དུས་ཚོད། ས་གནས། གྱོད་གཞི་དང་འབྲེལ་བའི་དོན་དངོས་སོགས་རྒྱུ་རྐྱེན་གཙོ་བོ་གསལ་པོར་འབྲི་གང་ཐུབ་བྱས་ནས། འབྲེལ་ཡོད་རྒྱུ་ཆ་དང་མཉམ་དུ་སྤྲོད་དགོས།

གཉིས། དོན་དངོས་རྫུན་བཟོ་དང་ཉེས་འགེལ་བསྙོན་འཛུགས་གཏན་འགོག་བྱ་དགོས། དོན་དངོས་རྫུན་བཟོ་དང་བདེན་དཔང་རྫུན་བཟོ་བྱས་ནས་མི་གཞན་ལ་བསྙོན་འཛུགས་ཞུ་གཏུག་བྱ་་བ་དག་བཅའ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་ངེས།

གསུམ། རྫོང་ནག་འཇོམས་གཞུང་ལས་ཁང་གིས་ཁུངས་སྣེ་གསང་སྲུང་གི་གཏན་འབེབས་དོན་འཁྱོལ་ནན་མོ་བྱས་ཏེ། ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་དང་ཐེར་འདོན་ནང་དོན་ནན་སྲུང་བྱས་ནས། ཐེར་འདོན་བྱེད་མཁན་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱ་དགོས། ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་དང་འཁོན་ལན་སློག་མཁན་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་དགོས།

གསུམ་པ།ཁུངས་སྣེ་ཐེར་འདོན་བྱེད་པའི་ཐབས་ལམ།

ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་ཐེར་འདོན་ཤར་གཏོང་དང་མང་ཚོགས་ཀྱི་དཔང་རྟགས་འདོན་པ་སྟབས་བདེ་ཡོང་ཆེད།   ཀོས་ནན་རྫོང་ནག་སེལ་གཞུང་སྒྲུབ་ཁང་གིས་ཐབས་ལམ་མང་པོའི་ཐོག་ནས་རྣམ་པ་ཀུན་ཏུ་ཁུངས་སྣེ་ཐེར་འདོན་བྱེད་པའི་ཐབས་ལམ་སྤྱད་དེ། སྤྱི་ཚོགས་ལས་རིགས་ཁག་སོ་སོ་ནས་ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་བསྡུ་རྒྱུ་ཡིན།

(གཅིག)རྒྱལ་ཡོངས་གཅིག་གྱུར་དྲ་ལམ་ཐེར་འདོན་སྟེགས་བུའི་སྟེང་དྲ་ལམ་ནས་རྒྱལ་ཡོངས་ནག་སེལ་གཞུང་སྒྲུབ་ཁང་གི“12337”རིག་ནུས་ཐེར་འདོན་སྟེགས་བུ་འཚོལ་བཤེར་བྱེད་པའམ་ཡང་ན“ཀྲུང་གོའི་ཁྲང་ཨན་དྲ་བ”དང“ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁྲང་ཨན་ཅན”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་སོགས་སྦྲེལ་མཐུད་ཐོ་འཇུག་ཐེར་འདོན་སྟེགས་བུར་འཇུག་དགོས།

(གཉིས།)ཀོས་ནན་རྫོང་ནག་སེལ་གཞུང་སྒྲུབ་ཁང་།

1.ཐེར་འདོན་ཁ་པར། 0974-8502022

2.ཐེར་འདོན་ཡིག་ཟམ། hnzgnxshb@163.com3.

3.ཡིག་འབུལ་ཞུ་བཅར་ས་གནས། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་བཅིངས་འགྲོལ་ནུབ་ལམ་ཨང་རྟགས1-1ཀོས་ནན་རྫོང་མི་དམངས་ཞིབ་དཔྱོད་ཁང་གི404གཞུང་སྒྲུབ་ཁང་།

(གསུམ)ཀོས་ནན་རྫོང་སྤྱི་བདེ་ཅུའུ་ནག་སེལ་གཞུང་སྒྲུབ་ཁང་།

1.ཐེར་འདོན་ཁ་པར། 110  0974-8501105

2.ཐེར་འདོན་ཡིག་ཟམ། gngaxzdd@163.com

3.ཡིག་འབུལ་ཞུ་བཅར་ས་གནས། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་བདེ་འཇགས་སྲང་ལམ་ཨང་རྟགས24སྟེ་ཀོས་ནན་རྫོང་སྤྱི་བདེ་ཅུའུ།

(བཞི)ཀོས་ནན་རྫོང་མི་དམངས་ཞིབ་དཔྱོད་ཁང་ནག་སེལ་གཞུང་སྒྲུབ་ཁང་།

1.ཐེར་འདོན་ཁ་པར། 0974-8501421

2. ཐེར་འདོན་ཡིག་ཟམ། gnxjcyshb@163.com

3. ཡིག་འབུལ་ཞུ་བཅར་ས་གནས། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་བཅིངས་འགྲོལ་ནུབ་ལམ་ཨང་རྟགས1-1སྟེ་ཀོས་ནན་རྫོང་མི་དམངས་ཞིབ་དཔྱོད་ཁང་གི202གཞུང་སྒྲུབ་ཁང་།

(ལྔ)ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་ནག་སེལ་གཞུང་སྒྲུབ་ཁང་། 

1.ཐེར་འདོན་ཁ་པར།     0974-8502425

2. ཐེར་འདོན་ཡིག་ཟམ། gnxrmfy2021@163.com.

3.ཡིག་འབུལ་ཞུ་བཅར་ས་གནས། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་བཅིངས་འགྲོལ་ཤར་ལམ་ཨང་རྟགས317དེ་ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་།

(དྲུག)ཀོས་ནན་རྫོང་ཨུའི་སྤྱི་ཚོགས་ལས་དོན་པུའུ(འཕྲིན་བཅར་ཅུའུ)

1.ཐེར་འདོན་ཁ་པར། 0974-8501366

2. ཐེར་འདོན་ཡིག་ཟམ། liuyuna2024@163.com

3. ཡིག་འབུལ་ཞུ་བཅར་ས་གནས། ཀོས་ནན་རྫོང་མང་ཆུ་གྲོང་རྡལ་བཅིངས་འགྲོལ་ནུབ་ལམ་ཨང་རྟགས2པ་ཀོས་ནན་རྫོང་སྲིད་འཛིན་ཕྱོགས་བསྡུས་ཞབས་ཞུའི་ཐོག་ཁང་གི204གཞུང་སྒྲུབ་ཁང་།

གོང་གི་ཐབས་ལམ་བརྒྱུད་ནས་ཐོབ་པའི་ཁུངས་སྣེར་དམིགས་ཏེ། རྫོང་ནག་སེལ་གཞུང་སྒྲུབ་ཁང་གིས་ནུས་ཤུགས་ཡོད་རྒུས་ལས་སྒྲུབ་བརྒྱུད་སྤྲོད་དང་། ལྟ་སྐུལ། ཞིབ་བཤེར། ལྡོག་སྐྱེལ་སོགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། རྩད་གཅོད་གཏིང་ཟབ་དང་ཐག་ཆོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཆབས་ཅིག་ཏུ། ཁུངས་སྣེ་གལ་ཆེན་མཁོ་འདོན་དང་གྱོད་གཞི་རྩད་གཅོད་བྱེད་རོགས་བྱེད་མཁན་གྱི་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་བྱ་དགའ་སྤྲོད་རྒྱུ་ཡིན།

ཀོས་ནན་རྫོང་ནག་སེལ་ངན་འཇོམས་འཐབ་རྩོད་

མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།

2026ལོའི་ཟླ8པའི་ཚེས13ཉིན།


分享到:
【打印正文】
×

用户登录